ལམ་སེལ་ལས་ཁུངས་ཀྱི་འཆར་སྣང་དང་དམིགས་དོན།
འཆར་སྣང་།
གནས་གཤིས་ཐུབ་པའི་ འཁོར་ལམ་གྱི་ གཞི་རྟེན་འབྲེལ་མཐུད་མཆོག་འགྱུར་དང་ ཉེན་སྲུང་ དེ་ལས་ བློ་གཏད་ཚུགས་པའི་ བཟོ་སྐྲུན་དང་ རྒྱུན་སྐྱོང་འབད་ནིའི་ འཇོན་ཚད་ཅན་གྱི་ལས་སྡེ།
དམིགས་དོན།
༡. རྒྱལ་ཡོངས་ཀྱི་ གཞུང་ལམ་ག་ར་ བཟོ་སྐྲུན་འབད་ཚར་ནི༔ བྱང་ཤར་ནུབ་ ལྷོ་ཤར་ནུབ་ བྱང-ལྷོ་དང་ རྫོང་ཁག་ནང་འཁོད་ཀྱི་ འཁོར་ལམ་ཚུ་ ལམ་ལས་སྡེའི་འཆར་གཞི་ཨམ་༢༠༢༧ ཅན་མ་ རྒྱལ་ཡོངས་གནས་ཚད་དང་ གསལ་བཀོད་ཚུ་དང་འཁྲིལ་ཏེ་ དོ་ལྗིད་ཚད་མེ་ཊིག་ཊཱན་༣༠ འབག་ཚུགསཔ་བཟོ་ནི།
༢. གཞུང་ལམ་དང་ གློག་མེ་ལས་འགུལ་གྱི་ འཁོར་ལམ་ཁར་ཡོད་པའི་ ཟམ་ཚུ་གིས་ དོ་ལྗིད་ཚད་མེ་ཊིག་ཊཱན་༧༠ དང་ གཞན་འཁོར་ལམ་གུར་ མེ་ཊིག་ཊཱན་༤༠ འབག་ཚུགསཔ་ལྷན་ཐབས་འབད་ནི།
༣. རྒྱུ་དངོས་འཛིན་སྐྱོང་རིམ་ལུགས་སྒྲིང་སྒྲི་ ལག་ལེན་གོང་འཕེལ་དང་ ཡུན་བརྟན་ དཔལ་འབྱོར་ དེ་ལས་ མཐའ་འཁོར་གནས་སྟངས་དང་མཐུན་པའི་ འཁོར་ལམ་རྒྱུན་སྐྱོང་ཐབས་ལམ་ གསར་བཏོད་འབད་དེ་ ཉེན་སྲུང་དང་བློ་གཏད་ཅན་གྱི་ འཁོར་ལམ་འབྲེལ་མཐུད་ ངེས་བརྟན་བཟོ་ནི།
༤. འགྲོ་འགྲུལ་དུས་ཡུན་དང་ སྣུམ་འཁོར་རྒྱུན་འགྲུལ་གྱི་ ཟད་འགྲོ་མར་ཕབ་ འབད་ཐབས་ལུ་ འོས་འབབ་དང་འཁྲིལ་ཏེ་ རྒྱལ་ཡོངས་གཞུང་ལམ་ཚུ་ ཐུང་ཀུ་བཟོ་ནི།
༥. རྒྱལ་ཡོངས་གནས་རིམ་ཀྱི་ གནས་ཚད་དང་ ཞབས་ཏོག་གི་ ལྕོགས་གྲུབ་དང་འཁྲིལ་ ལམ་སེལ་ལས་ཁུངས་ཀྱི་ ལྟ་བ་ནང་འཁོད་ལུ་ རྫོང་ཁག་གྱི་འཁོར་ལམ་ཚུ་ ལག་ལེན་འཐབ་བཏུབ་ རྒྱ་བསྐྱེད་འབད་ནི།
༦. འཁོར་ལམ་གྱི་གཞི་རྟེན་ཚུ་ བཟོ་སྐྲུན་དང་ ལེགས་བཅོས་འབད་བའི་སྐབས་ རང་བཞིན་གནས་སྟངས་དང་གནམ་གཤིས་ཐུབ་པའི་ཐབས་རིགས་དང་ འཕྲུལ་རིག་ཚུ་ དུས་རྒྱུན་དུས་མཐུན་དང་ དང་དང་ལེན་འབད་ནི།
༧. སྤྱིར་གཏང་ འཐུས་མི་ག་ར་གིས་ འཆར་སྣང་གྲུབ་ཐབས་ལུ་ དོ་འགྲན་ཅན་དང་ ཁྱད་རིག་ཅན་དང་ ཆེད་དུ་བརྩོན་མི་ བཟོ་རིག་འགོ་དཔོན་དང་འཕྲུལ་རིག་འཇོན་ཐངས་ཅན་བཟོ་ནི།
༨. སྒེར་གྱི་ལས་སྡེ་ཚུ་གིས་ ལཱ་གཡོག་བཟོ་དོ་ཡོད་པའི་ཁར་ རྒྱལ་ཡོངས་ཀྱི་ དམིགས་ཡུལ་གྲུབ་ནི་ལུ་ ལྷན་ཐབས་དོདཔ་ལས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་ནི་དང་ རྒྱབ་སྐྱོར་བྱིན་ནི་གི་ སེམས་ཤུགས་བསྐྱེད་ནི། མཉམ་འབྲེལ་མ་འདྲཝ་ འཚོལ་ཞིབ་དང་ དང་ལེན་འབད་ནི།
༩. དབང་འཛིན་གྱི་ གཙུག་སྡེ་ཅིག་ཨིནམ་ལས་ མི་མང་དང་ ངོ་རྐྱང་ག་ར་ སྒྲིང་སྒྲི་དང་ ཕྱོགས་ལྷུང་མེདཔ་ དེ་ལས་ འཇོན་ཐངས་ཅན་གྱི་ ཞབས་ཏོག་སྤྲོད་ནི།
དམིགས་གཏད་ཅན་གྱི་བརྩི་མཐོང་།
༡. གཞུང་གྱི་ཐོན་སྐྱེད་ རྒྱ་ཆེ་དྲག་སྦེ་ ལག་ལེན་འཐབ་མི་ ལས་སྡེ་ཅིག་འབདཝ་ལས་ དྲང་བདེན་དང་གཅིག་འབྲེལ་འདི་ ང་བཅས་ཀྱི་ ལམ་སྟོན་གཞི་རྩ་ཨིན།
༢. འཕྲུལ་རིག་ལྕོགས་གྲུབ་དང་ བསྒྱུར་བཅོས་འབད་འདོད་ མེད་པའི་ཁྱད་རིག་འཐོབ་ཐབས་འབད་ནི།
༣. སེམས་ཀྱི་གདིང་ལས་རང་ ཞབས་ཏོག་ཚུ་སྤྲོད་ནི།
༤. རང་དང་ ལས་ཚོགས་གོང་འཕེལ་དོན་ལུ་ དུས་རྒྱུན་བརྩོན་ཤུགས་བསྐྱེད་ནི།
༥. ལམ་སེལ་ལས་ཁུངས་ཀྱི་ བཟའ་ཚང་ནང་འཁོད་ གཅིག་སྒྲིལ་དང་ མཐུན་ལམ་མཐའ་སྐྱོང་འབད་ནི།