བཟོ་བཀོད་སྡེ་ཚན།

བཟོ་བཀོད་སྡེ་ཚན་གྱི་འགན་དབང་།
༡. ལོ་བསྟར་ལཱ་གི་ འཆར་གཞི་ཚུ་ གྲ་སྒྲིག་འབད་ནི།
༢. ལམ་སེལ་ལས་ཁུངས་དང་འབྲེལ་བའི་ གནད་དོན་དེ་ ལྷན་ཁག་གིས་གཙོ་རིམ་ཅན་གྱི་ ལཱ་ཅིག་ཨིནམ་ལས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ མཉམ་འབྲེལ་དང་ གྲ་སྒྲིག་འབད་ནི།
༣. གྲུབ་འབྲས་སྙན་ཞུ་ཚུ་ བསྡུ་སྒྲིག་འབད་ནི།
༤. འཁོར་ལམ་གྱི་ཐོ་ཚུ་ བསྡུ་སྒྲིག་དང་ དུས་མཐུན་ དེ་ལས་ པར་སྐྲུན་འབད་ནི།
༥. དགོས་མཁོ་དང་འཁྲིལ་ འཁོར་ལམ་གྱི་དབྱེ་ཁག་ཚུ་ དབྱེ་རིམ་བཟོ་ནི་དང་ གསལ་བསྒྲགས་འབད་ནི།
༦. ལོ་ལྔའི་འཆར་གཞི་ གྲ་སྒྲིག་དང་ འཆར་དངུལ་བགོ་བཀྲམ་འབད་ནི།
༧. བཟོ་བཀོད་ལས་སྣའི་དོན་ལུ་ འཆར་གཞི་དང་ འཆར་དངུལ་བྱ་རིམ་སྒྲིག་ནི།
༨. ས་ཁྲ་ལག་ལེན་ཐོག་ལས་ གློག་གསལ་བརྟག་ཞིབ་འབད་ནི་དང་ གནམ་སྐུད་པར་བཏབ་ནི་ དེ་ལས་ གཞི་རྟེན་ས་ཆའི་བརྟག་ཞིབ་ལ་སོགས་པ་ཚུ་གི་ འོས་འབབ་བརྟག་ཞིབ་འབད་ནི།
༩. ལམ་གྱི་རིམ་སྒྲིག་གི་དོན་ལུ་ ས་ཆའི་དབྱིབས་ཀྱི་ ཁ་གསལ་བརྟག་ཞིབ་འབད་ནི།
༡༠. ལམ་དབྱེ་ཁག་ མ་འདྲཝ་ཚུ་གི་དོན་ལུ་ འཁོར་ལམ་དབྱིབས་རྩིས་རིག་པའི་ བཟོ་བཀོད་དང་ ས་ཁྲ་ཚུ་གྲ་སྒྲིག་འབད་ནི།
༡༡. ལུང་ཕྱོགས་ཡིག་ཚང་དང་ ས་ཁོངས་ཀྱི་ ས་འཇལཔ་ཚུ་ལུ་ དེང་སང་གི་ ས་འཇལ་ལམ་ལུགས་ཀྱི་ སྦྱོང་བརྡར་ཚུ་སྤྲོད་ནི།
༡༢. འཁོར་ལམ་རྡོ་ཆལ་ སྒྲིག་ནི་བཟོ་བཀོད་ཀྱི་ དགོས་མཁོའི་གནད་སྡུད་ཚུ་ བསྡུ་སྒྲིག་འབད་ནི།
༡༣. དགོས་མཁོ་དང་འཁྲིལ་ཏེ་ བཟོ་བཀོད་བདེན་དཔྱད་དང་ བསྒྱུར་བཅོས་མཉམ་སྡེབ་འབད་ནི།
༡༤. ཟད་འགྲོ་ཚོད་རྩིས་དང་ འབོར་ཚད་ཀྱི་ རྩིས་ཐོ་གྲ་སྒྲིག་འབད་ནི།
༡༥. བཟོ་བཀོད་ཀྱི་ ལམ་སྟོན་དང་ ལག་དེབ་ཚུ་ གྲ་སྒྲིག་འབད་ནི།
༡༦. འཁོར་ལམ་དང་ ཟམ་ཚུ་གི་དོན་ལུ་ ས་འོག་ཞིབ་དཔྱད་འབད་ནི།
༡༧. འཁོར་ལམ་སེལ་ནི་དང་ ཟམ་རྐྱབ་ནི་གི་ འོས་འབབ་བརྟག་ཞིབ་ནང་ གྲོགས་རམ་དང་ ལྷན་ཐབས་འབད་ནི།
༡༨. གཞུང་ལམ་དང་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་ མེད་མི་ཚུ་གི་ ཁ་གསལ་བརྟག་ཞིབ་འབད་ནི།
༡༩. ས་འོག་ལམ་གྱི་དོན་ལུ་ སྔོན་འགྲོའི་ བརྟག་ཞིབ་འབད་ནི།
༢༠. ས་ཁམས་དང་འབྲེལ་བའི་ ས་ཁོངས་དང་ ཚན་རིག་བརྟག་དཔྱད་འབད་ནི།
༢༡. གཞུང་གི་འབྲེལ་ཡོད་ལས་སྡེ་ ས་གཏེར་ལས་ཁུངས་ཀྱིས་ འོས་འབབ་བརྟག་ཞིབ་འབད་དགོ།
༢༢. བྱ་སྟབས་རང་བདེ་དང་ དམ་སྒྲིང་གི་ འཁོར་ལམ་རྡོ་ཆལ་གྱི་ བཟོ་བཀོད་འབད་ནི།
༢༣. བཟོ་བཀོད་དང་ ཅ་ཆས་ དེ་ལས་ སླ་བསྲེ་ལ་སོགས་པའི་ རྡོ་ཆལ་དང་འབྲེལ་བའི་ གནད་དོན་ཚུ་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཚུ་ལུ་ སྙན་ཞུ་འབད་ནི།
༢༤. ལུང་ཕྱོགས་ཡིག་ཚང་དང་ ལས་སྡེ་གཞན་ཚུ་ལུ་ འཕྲུལ་རིག་གི་ རྒྱབ་སྐྱོར་འབད་ནི།
༢༥. འཕྲུལ་རིག་གསརཔ་ཚུ་ནང་ ཉེན་འགྲུལ་འབད་ནི།
༢༦. རྡོ་ཆལ་བཟོ་བཀོད་ཀྱི་དོན་ལུ་ ཟད་འགྲོ་ཚོད་རྩིས་དང་ འབོར་ཚད་ཀྱི་ རྩིས་ཐོ་གྲ་སྒྲིག་འབད་ནི།

Print Friendly, PDF & Email
© 2016 Ministry of Infrastructure and Transport | Legal Disclaimer | Sitemap | [Top] | Best viewed in Chrome and Firefox browsers