བཟོ་སྐྲུན་སྡེ་ཚན།

བཟོ་སྐྲུན་སྡེ་ཚན་གྱི་འགན་དབང་།
༡. བཟོ་བཀོད་དང་ དམིགས་བསལ་གྱི་ཁ་གསལ་ཚུ་དང་འཁྲིལ་ འཆར་གཞི་བརྩམ་ཡོད་པའི་ འཁོར་ལམ་བཟོ་སྐྲུན་གྱི་ལས་སྣ་ཚུ་ ལག་ལེན་འཐབ་ནི།
༢. ལས་འགུལ་མ་འདྲཝ་ཚུ་གི་དོན་ལུ་ ལས་འགུལ་འཛིན་སྐྱོང་སྡེ་ཚན་ཚུ་བཟོ་ནི།
༣. འཁོར་ལམ་གྱི་ལཱ་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ལུང་ཕྱོགས་ཡིག་ཚང་དང་ ལས་འགུལ་ཡིག་ཚང་ཚུ་ལུ་ རྒྱབ་སྐྱོར་འབད་ནི།
༤. འཁོར་ལམ་གྱི་དོན་ལུ་ རིན་བསྡུར་ཡིག་ཆ་བསྐྱར་ཞིབ་དང་ གྲ་སྒྲིག་འབད་ནི།
༥. སྤྱིར་གཏང་ ཁག་འབགཔ་དང་ ལས་འགུལ་འཛིན་སྐྱོང་གི་ བཀོད་རྒྱ་འབད་ནི།
༦. ལཱ་གཡོག་གི་ཉེན་སྲུང་ ལྟ་རྟོག་འབད་ནི།
༧. ལམ་བཟོ་སྐྲུན་གྱི་ལཱ་ཚུའི་ སྤུས་ཚད་ལྟ་རྟོག་འབད་ནི།
༨. འཁོར་ལམ་བཟོ་སྐྲུན་གྱི་ལཱ་ འབད་བའི་སྐབས་ འཕྲུལ་རིག་རྒྱབ་སྐྱོར་འབད་ནི།
༩. ལམ་བཟོ་སྐྲུན་ལྟ་རྟོག་ གྲོས་བསྟུན་ཞབས་ཏོག་ཚུ་ མཁོ་སྒྲུབ་འབད་ནི།
༡༠. འཆར་གཞི་བརྩམ་ཡོད་པའི་ ལཱ་ལག་ལེན་འཐབ་པའི་སྐབས་ དུས་རྒྱུན་ཐོག་ ལྟ་རྟོག་འབད་ནི།
༡༡. ལས་སྣ་འཆར་གཞི་ཚུ་ ལག་ལེན་འཐབ་པའི་སྐབས་ འཛོལ་བ་རེ་ཐོན་པ་ཅིན་ དེ་ལུ་ སྙན་ཞུ་དང་བསམ་ལན་ཚུ་བཀོད་ནི།
༡༢. བཟོ་སྐྲུན་གསརཔ་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ཉོགས་མེད་ལག་ཁྱེར་ལེན་ནི་ལུ་ བྱ་སྒོ་སྒྲིག་ནི།
༡༣. འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་གྲོས་བསྟུན་འབད་ཐོག་ལས་ ས་གཞི་དང་ སྒེར་གྱི་རྒྱུ་ནོར་ཚུ་ བདོག་གཏད་འབད་ནི་ལུ་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་ནི།
༡༤. བཟོ་སྐྲུན་དང་འབྲེལ་བའི་ རྒུད་འཐུས་ཀྱི་ བྱ་རིམ་སྒྲིག་ནི།
༡༥. འཁོར་ལམ་བཟོ་སྐྲུན་དང་འབྲེལ་བའི་ ས་ཁོངས་ཚན་རིག་ བརྟག་དཔྱད་འབད་ནི།
༡༦. ལས་འགུལ་འཛིན་སྐྱོང་གྱི་དོན་ལུ་ འཆར་གཞི་བརྩམ་ཞིནམ་ལས་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་སྤྲོད་ནི།༡༡༦. འཁོར་ལམ་བཟོ་སྐྲུན་དང་ ལས་སྣ་ལེགས་བཅོས་དོན་ལུ་ འཆར་གཞི་བརྩམས་ནི་དང་ འཆར་དངུལ་བྱ་རིམ་བཟོ་ནི།

Print Friendly, PDF & Email
© 2016 Ministry of Infrastructure and Transport | Legal Disclaimer | Sitemap | [Top] | Best viewed in Chrome and Firefox browsers